白玉达唐寺

༈ བདེ་ཆེན་ཞིང་སྒྲུབ་ནི།
ལོ་ལྟར་བོད་ཟླ་བཅུ་བའི་ཚེས་བཅུ་དགུའི་ཉིན་ནས་བཟུང་སྙིག་དུས་ཀྱི་གཏེར་སྟོན་ཆེན་པོ་རིག་འཛིན་མི་འགྱུར་རྡོ་རྗེ་མཆོག་གིས་དགུང་ལོ་བཅུ་གཉིས་ཐོགས་གཏེར་དུ་བཞེས་པའི་ཟབ་ཆོས་ཁྱད་པར་ཅན་བདེ་ཆེན་ཞིང་སྒྲུབ་ཆེན་མོ་འཚོགས་བཞིན་པ་དང་། དེ་སྐབས་སུ་འདུས་ཚོགས་ལ་བདེ་ཆེན་ཞིང་གི་དམིགས་རིམ་སོགས་ཆ་ཚང་བ་ཞིག་དབུ་བཞུགས་བླ་མས་ཆོས་ཁྲིད་བྱེད་བཞིན་ཡོད།