白玉达唐寺

༈ བཀའ་མའི་སྒྲུབ་མཆོད་ནི།
ལོ་ལྟར་བོད་ཟླ་བཞི་བ་ས་ག་ཟླ་བའི་ཚེས་བརྒྱད་ནས་བཟུང་སྔ་འགྱུར་རྙིང་མའི་ཐུན་མིན་གྱི་ཟབ་ཆོས་བཀའ་གཏེར་གཉིས་ཞེས་ཡོངས་སུ་གྲགས་པའི་ཡ་གྱལ་སྔ་འགྱུར་བཀའ་མ་ལ་སྤྱིར་རྒྱུད་སྡེ་དང་སྒྲུ་སྡེ་གཉིས། རྒྱུད་སྡེ་ལ་ཏནྚ་ཆེན་པོ་སྡེ་བཅོ་བརྒྱད་དང་། སྒྲུ་སྡེ་ལ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་དུ་གྲགས་པ་ལས། ཕྱི་མ་ལ་བཀའ་མའི་མཆོད་ཁག་བཅུ་དྲུག་དུ་གྲགས་པ་ཡོད་པ་དེ་དག་ལས། མདོ་ཚོགས་ཆེན་འདུས་པ། སངས་རྒྱས་མཉམ་སྦྱོར། ཡང་དག རོང་ཕུར། སྒྱུ་འཕྲུལ་ཁྲོ་བོ། སྒྱུ་འཕྲུལ་ཞི་བ་བཅས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ཉིན་བདུན་རིང་སྒྲུབ་པ་དང་། དེ་རྗེས་ལྷ་སོ་སོའི་སྒྲུབ་པའི་དཀྱིལ་འཁོར་གྱི་བསྙེན་པའི་ཁ་སྐོང་ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་དང་། དམངས་ཚོགས་ཡོངས་ལ་སྒྱུ་འཕྲུལ་ཞི་ཁྲོའི་རྩ་འཆམས་ཀྱི་མཇལ་ཁ་བཅས་ཡོད་དོ།།