白玉达唐寺

༈ དབྱར་གནས་ནི།
འདུལ་བ་གཞི་བཅུ་བདུན་ལས་བསླབ་པ་ཡོངས་སྦྱོང་གི་གཞི་གསུམ་གྱི་ནང་གསེས་ཏེ། དེ་ཡང་འགྲོ་བ་རྣམས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས། མུ་སྟེགས་རྣམས་ཀྱི་འཕྱ་བ་བསལ་བའི་ཕྱིར་དུ་བཅས་པ་མཛད་པ་ལྟར། དགོན་འདིར་ཡང་ལོ་ལྟར་བོད་ཟླ་དྲུག་པའི་མར་ངོའི་ཚེས་བཅུ་དྲུག་སྟེ་དབྱར་ཐུང་ངུ་ཞག་གཅིག་གི་ཉིན་དེ་ནས་བཟུང་དབྱར་སྔ་མ་ཟླ་བ་ཕྱེད་པ་གསུམ་དང་། ཡང་ན་བོད་ཟླ་བདུན་པའི་མར་ངོའི་ཚེས་བཅུ་དྲུག་ནས་དབྱར་ཕྱི་མ་ཟླ་བ་ཕྱེད་པ་གསུམ་གྱི་རིང་ལ། དགེ་ཚུལ་སློང་རྣམས་ཀྱིས་མཚམས་ལས་འདས་ཏེ་སྐྱ་རེངས་འཆར་བར་མི་བྱ་བའི་དམ་བཅའ་དང༌། དགེ་འདུན་གྱི་ནང་དུ་འཁྲུག་ལོང་མི་བྱ་བ་དང༌། ཐོས་པ་སོགས་ལ་བརྩོན་པ་དང༌། གཙུག་ལག་ཁང་རལ་གྲུམ་བཅོས་པ་སོགས་ཀྱི་དམ་བཅའ་བཟུང་ནས་དབྱར་ཁས་བླང་དེ་གནས་པ་དང་། ཟླ་བ་ཕྱེད་པ་གསུམ་རྫོགས་པའི་གྲྭལ་ཚེས་བཅུ་བཞིའི་ཉིན་དགག་དབྱེ་དང་། དེ་ནས་གནས་ལ་ཆགས་པ་སྤང་བར་བྱ་བའི་ཕྱིར་ལྗོངས་རྒྱུ་བ་བཅས་སོ། །