白玉达唐寺

སྨིན་གླིང་ཨོ་རྒྱན་གཏེར་བདག་གླིང་པའི་ཟབ་གཏེར་ལས་བྱུང་བའི་བླ་མ་རྡོ་རྗེ་སེམས་དཔའི་སྒྲུབ་པ་ལོ་ལྟར་ཧོར་ཟླ་དགུ་པའི་ཚེས་བཅུ་དགུ་ནས་བཟུང་ཉིན་བདུན་རིང་ཚོགས་ནས་ཚེས་ཉེར་ལྔའི་ཉིན་སྐྱབས་རྗེ་མཆོག་སྤྲུལ་རིན་པོ་ཆེའི་གདུང་མཆོད་དང་འབྲེལ་གླིང་མེ་རྒྱས་སྤྲོས་དང་། དར་ཐང་སྔ་འགྱུར་མཐོ་སློབ་ཀྱི་སློབ་ཕྲུག་ཡོངས་ནས་ཆོས་ཀྱི་བགྲོ་གླེང་ཟབ་རྒྱས་བྱེད་པ་དང་། དེ་སྐབས་དད་ལྡན་མང་ཚོགས་ཡོངས་ཀྱིས་མཆོད་མཇལ་བྱེད་པའི་ལུགས་སྲོལ་ཡོད་པའོ།།