白玉达唐寺

གཏེར་ཆེན་རཏྣ་གླིང་པའི་ཟབ་གཏེར་ལས་འདུས་པ་སྐོར་གསུམ་གྱི་ནང་ཚན་སྟེ་ཐུགས་སྒྲུབ་ཡང་སྙིང་འདུས་པའི་སྒོ་ནས་བླ་མ་སྤྲུལ་སྐུའི་སྒྲུབ་པ་དང་། བླ་མ་ལོངས་སྐུའི་སྒྲུབ་པ། བླ་མ་ཆོས་སྐུའི་སྒྲུབ་པ་བཅས་ལོ་ལྟར་ཧོར་ཟླ་དང་པོའི་ཚེས་བརྒྱད་ནས་བཟུང་རེས་མོས་ཀྱིས་ཟླ་གཅིག་གི་རིང་ཚོམ་བུ་ཚོགས་སྒྲུབ་ཀྱི་སྒོ་ནས་ཚོགས་བཞིན་ཡོད། དགོན་འདིར་གྲྭ་སར་ཞུགས་མཁན་ཡོངས་སྒྲུབ་པ་འདི་གསུམ་ལ་ངེས་པར་འདུག་དགོས་པའི་ལུགས་སྲོལ་སྔར་ནས་ད་ལྟའི་བར་དུ་མ་ཉམས་པར་ཡོད་དོ།།