白玉达唐寺


༈ དགུ་གཏོར་ཆེན་མོ།
ལོ་ལྟར་བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་ནས་བཟུང་ཡུལ་སྡེ་སྤྱི་དང་ཁྱད་པར་དུ་དགོན་སྡེ་རྒྱལ་བསྟན་འཁོར་ལོ་གསུམ་གྱིས་འཛིན་སྐྱོང་བྱེད་བཞིན་པའི་ཆོས་སྡེ་རྣམས་ཀྱི་ལོ་ཕར་འགྲོའི་རྒྱབ་ངན་པ་དང་། ལོ་ཚུར་འོང་གི་སྣ་ངན་པ་ཡོད་ཚད་ཟློག་པའི་ཆེད་དུ་དམིགས་ཏེ། བཀའ་བརྒྱད་བདེ་གཤེགས་འདུས་པ། ཕུར་པ་རྡོ་རྗེ་གཞོན་ནུ། གུ་རུ་དྲག་པོ། མཁའ་འགྲོ་སེང་གདོང་མ། གཤིན་རྗེ། མགོན་པོ་སོགས་ཀྱི་དཀྱིལ་འཁོར་གཉན་པོ་ཞལ་ཕྱེས་ཏེ་གཏོར་སྒྲུབ་བྱས་མཐར་ཚེས་ཉེར་དགུའི་ཉིན་ཟོར་འཆམས་དང་སྦྲགས ཞིང་བཅུ་ཚང་བའི་དགྲ་བོ་ལ་དྲག་པོ་ཟོར་གྱི་ལས་སྦྱོར་བྱས་ནས་དམིགས་མེད་སྟོང་པའི་དབྱིངས་སུ་སྤྲད་དེ་ཞི་བར་བྱེད་པའོ།