白玉达唐寺

༈ ཞགས་བརྒྱ་ནི།
ལོ་ལྟར་བོད་ཟླ་བཅུ་བའི་ཚེས་ཉེར་ལྔ་ཡར་མར་ནས་དབུ་བཟུང་ནས་ཞགས་མ་བརྒྱའི་རིང་ལ། གཙོ་བོ་ཡུལ་སྡེའི་མི་སྐྱ་རྒན་གཞོན་ཕོ་མོ་རྣམས་ལ་དགེ་སྡིག་བླང་དོར་ཇི་ལྟར་བྱེད་སྟངས་དང་། ཆོས་ཡང་དག་པ་ཞིག་ཇི་ལྟར་སྒྲུབ་ཚུལ། ལས་རྒྱུ་འབྲས་ལ་བརྩི་སྲུང་ཅི་ལྟར་བྱེད་ཚུལ། སེམས་ཅན་ལ་སྙིང་རྗེ་དང་དཀོན་མཆོག་ལ་དད་པ་ཅི་ལྟར་བྱེད་པའི་ཚུལ་སོགས་མདོར་ན་ལེགས་ཉེས་བླང་དོར་ཀྱི་སློབ་སྟོན་དང་ཆོས་ཁྲིད། དེ་བཞིན་ཡར་ངོ་མར་ངོས་ཀྱི་དུས་ཆེན་རྣམས་ལ་བསྙུང་གནས་ཀྱི་སྡོམ་པ་སྦྱིན་པ་སོགས་ཡུལ་སྡེའི་མི་སྐྱ་རྣམས་ལ་དམ་པའི་ཆོས་ཀྱི་ངོ་སྤྲོད་བྱེད་བཞིན་པའོ།།